Monday, 25 April 2016

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བའི་འཕྲིན། སྤྱི་ཟླ་12ཚེས་18ཉིན་སྨོན་ལམ་ཚིག་མཛོད་ཆེན་མོ་དེ་ App Store ནང་དུ་དངོས་སུ་འགྲེམ་སྤེལ་བྱེད་ཐུབ་པ་བྱུང་ཡོད་ལ། iPad/iPhone སོགས་ནང་དུ་རིན་མེད་ཕབ་ལེན་བྱེད་ཆོག་པ་ཞིག་ཡིན། འདི་ནི་སྨོན་ལམ་ཚིག་མཛོད་ཐོན་རིམ་1.1ཅན་དེ་App Store ནང་དུ་འགྲེམས་སྤེལ་བྱས་རྗེས་ཀྱི་མཉེན་ཆས་གསར་པ་དེ་ཡིན།
སྨོན་ལམ་ཚིག་མཛོད་ཆེན་མོ་ནི། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་དང་བཟོ་སྐྲུན་བྱེད་བཞིན་པའི་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བཀོལ་སྤྱོད་ཡོད་པའི་མཉེན་ཆས་ཅན་གྱི་བོད་ཡིག་ཚིག་མཛོད་ཅིག་ཡིན། བོད་རང་གི་སྔར་ཡོད་ཚིག་མཛོད་ཁག་གི་ལེགས་ཆ་རྒྱུན་འཛིན་ཐོག དེང་དུས་ཀྱི་མི་རིགས་གཞན་གྱི་ཚིག་མཛོད་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་བསྡུ་ལེན་བྱས་ཏེ་ཅུང་ཆ་ཚང་ཞིང་ཡང་དག་པའི་ཚིག་མཛོད་ཅིག་ཡིན།

iPad ཁྲོད་ཀྱི་སྨོན་ལམ་ཚིག་མཛོད་ཆེན་མོ།
iPad ཁྲོད་ཀྱི་སྨོན་ལམ་ཚིག་མཛོད་ཆེན་མོ།

བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུའི་ཐབས་ལམ་གལ་ཆེ་ཤོས་ཤིག་ནི་དེང་རབས་བརྡ་འཕྲིན་བརྒྱུད་ལམ་ལ་བརྟེན་དགོས་པར་མཐོང་སྟེ། འདས་པའི་ལོ་ཤས་རིང་འབད་བརྩོན་ལུ་གུ་བརྒྱུད་དུ་བྱས་འབྲས་ཕྱི་ལོ་ཉིས་སྟོང་ལྔ་ནས་བཟུང་སྨོན་ལམ་བོད་ཡིག་རིམ་པ་དང། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས། སྨོན་ལམ་ཚིག་མཛོད་དང་པོ་དང་༡་༡ སོགས་བོད་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་སྣ་ཚོགས་གསར་སྐྲུན་དང་རིན་མེད་འགྲེམ་སྤེལ་བྱས་ཡོད།  མཉེན་ཆས་དེ་དག་གིས་བོད་ཕྱི་ནང་གི་སྤྱི་ཚོགས་ཁྲོད་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བྱུང་བས། གནད་ཡོད་མི་སྣ་དང་། བོད་ཕྱི་ནང་གི་བོད་རིག་པ་མཁས་ཅན། སྐད་ཡིག་སྐོར་གྱི་ཆེད་ལས་ཉམས་ཞིབ་པ་སོགས་མང་པོ་ཞིག་གིས་ལས་དོན་འདི་བཞིན་མུ་མཐུད་རྒྱུན་སྐྱོང་ཡར་རྒྱས་གཏོང་དགོས་ཚུལ་གྱི་དགོངས་འཆར་བྱུང་བ་བཞིན། འདི་ག་ཞིབ་འཇུག་ཁང་གིས་བོད་སྐད་ཡིག་དང་འབྲེལ་བའི་ལས་གཞི་འགའ་ཞིག་ལག་བསྟར་བྱེད་བཞིན་པའི་ཁོངས་ཀྱི་སྨོན་ལམ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་གི་ལས་དོན་གཉེར་བའི་གྲུབ་འབྲས་ཤིག་ཡིན།
བཙིར་གནོན་ཡིག་ཆ་ནི་ང་ཚོས་དུས་རྒྱུན་མཐོང་བའི་ཡིག་ཆའི་རིགས་ཤིག་ཡིན། སྐར་ཁུང་(Windows)མ་ལག་ཁྲོད་དུ་ .zip དང་ .rar སོགས་རྣམ་པས་ཡིག་ཆ་བཙིར་གནོན་བྱེད་པ་དང་། ཀུ་ཤུའི་(Mac)མ་ལག་ཁྲོད་དུ་ .tar.gz དང་ .zip སོགས་ཀྱི་རྣམ་པས་ཡིག་ཆ་བཙིར་གནོན་བྱས་པ་མཐོང་རྒྱུ་ཡོད།
དེ་ཡང་ཀུ་ཤུའི་གློག་ཀླད་ནང་དུ་ཡིག་ཆ་བཙིར་གནོན་ལས་གྲོལ་སྟངས་ནི་ཤིན་ཏུ་སླ་སྟེ། བཙིར་གནོན་མཉེན་ཆས་ཤིག་སྒྲིག་འཇུག་བྱས་པས་འགྲིག་གི་རེད། མིང་ལ་ The Unarchiver ཟེར་བའི་མཉེན་ཆས་འདི་ནི་ཀུ་ཤུའི་ App Store ནང་དུ་ཕབ་ལེན་བྱེད་རུང་ལ་ཤིན་ཏུ་སྟབས་བདེ་བས་མཉེན་ཆས་འདི་ཀུན་པོར་ངོ་སྤྲོད་བྱས་པ་ཡིན། གཞན་ཡང་བཙིར་གནོན་མཉེན་ཆས་ནི་གང་མང་མང་ཡོད་པས་རང་རང་གི་འདོད་པ་ལྟར་གང་ལ་ལོབས་ན་དེ་ཕབ་ལེན་བྱ་ཆོག
རྟགས་དམར་པོ་བརྒྱབ་ཡོད་པ་དེའི་ཁ་ཕྱེ།
རྟགས་དམར་པོ་བརྒྱབ་ཡོད་པ་དེའི་ཁ་ཕྱེ།
The Unarchiver
བཤེར་འཚོལ་སྒྲོམ་དུ་ The Unarchiver ཅེས་བླུགས་ནས་འཚོལ།
The Unarchiver
The Unarchiver ཅེས་པ་དེ་ཕབ་ལེན་གནང་དགོས།
Apple ID
མཉེན་ཆས་དེ་ཕབ་ལེན་བྱེད་པའི་གོ་རིམ་ཁྲོད་དུ་ཀུ་ཤུའི་Apple IDདང་གསང་ཨང་བླུགས་དགོས་པའི་བརྡ་བསྟན་ཚེ་དེ་བཞིན་དུ་བླུགས་ན་འགྲིག
སྒྲིག་འཇུག་ཚར་རྗེས་ཀྱི་རྣམ་པ།
སྒྲིག་འཇུག་ཚར་རྗེས་ཀྱི་རྣམ་པ།
དེ་ལྟར་སྒྲིག་འཇུག་ཚར་རྗེས་སུ་ཁྱེད་ཀྱིས་བཙིར་གནོན་ཡིག་ཆ་གང་ཞིག་གི་ཁ་ཕྱེ་བ་ན་མཉེན་ཆས་འདིས་རང་འགུལ་གྱིས་བཙིར་གནོན་ལས་གྲོལ་བ་ཡིན།
རྩོམ་པ་པོ་གླིང་སྨྱོན་ཡིན།

གསལ་འདེབས་ཞུ་རྒྱུར། གལ་ཏེ་ཁྱེད་རང་རྩིས་འཁོར་ཕྱོགས་ལ་སྤྲོ་བ་ཡོད་པའམ་དེའི་སྐོར་ཀྱི་རྩོམ་ཡིག་རེ་ཡོད་ན་ངེད་དྲ་བར་བསྐུར་དང་ང་ཚོས་དུས་ལྟར་འགོད་ངེས་ཡིན། འབྲེལ་གཏུགས་བྱ་ཚུལ་ནི་ཀླད་ཀྱི་༼ངེད་ཀྱི་སྐོར༽ཅེས་པར་གཟིགས་དང་གསལ་བོར་བཀོད་ཡོད།

Ads 468x60px

Followers

Featured Posts

Recent Comments

Like us on Facebook

Translate

Popular Posts

Recent Posts

Text Widget